༄༅། །བུམ་ཐང་བླ་མ་ལ་གདམས་པ།

རྗེས་འཇུག་སྐལ་བཟང་རྣམས་ལ་བསྩལ་པའི་ཞལ་གདམས་བསླབ་བྱ་ཉམས་ལེན་གྱི་སྐོར་སྤང་བླང་མིག་འབྱེད་ཟབ་དོན་སྙིང་གི་བདུད་རྩི་ལས་བཀོལ་དུ་ཕྱུང་བའོ།།

བླ་མ་དཀོན་མཆོག་གསུམ་ལ་བློ་བཀལ་ནས། །རང་སེམས་དཔང་དུ་བཙུགས་ནས་ཚུལ་ཁྲིམས་སྲུང་། །རྣམ་རྟོག་མི་སྤྲོ་ཞི་གནས་རྩེ་གཅིག་བསྒོམ། །སོ་ཐར་སྡོམ་པ་ལྡན་པས་གཞི་བཟུང་ངོ་། །དང་པོ་བྱང་ཆུབ་མཆོག་ཏུ་སེམས་བསྐྱེད་ནས། །བར་དུ་མི་རྟོག་ངང་ནས་གཞན་ཕན་བསྒྲུབ། །རྗེས་སུ་བསྔོ་བསྨོན་ལམ་བཟང་པོ་ཡིས། །ཐེག་ཆེན་བྱང་ཆུབ་ སེམས་ཀྱི་སྙིང་པོ་ལོན། །བླ་མ་སངས་རྒྱས་མཐོང་བའི་མོས་གུས་ལྡན། །སྣོད་བཅུད་ལྷ་རུ་ཤེས་པའི་བསྐྱེད་རིམ་བསྒོམ། །བདེ་སྟོང་ཟུང་དུ་འཇུག་པའི་རྫོགས་རིམ་གྱི། །གསང་སྔགས་རྡོ་རྗེ་ཐེག་པའི་འབྲས་བུ་ཐོབ། །ཁྱད་པར་སེམས་ཉིད་དྲན་པའི་ཐོག་ཏུ་བཞག །སྨྲ་བསམ་བརྗོད་མེད་སྟོང་གསལ་ངང་དུ་གནས། །རྣམ་རྟོག་ཅིཤར་མཚོ་ལ་ཆར་བབ་ལྟར། །རང་གྲོལ་སྐྱོང་བ་རྫོགས་ཆེན་མན་ངག་ལགས། །བླ་མ་བརྒྱ་ལ་ཞུས་ཀྱང་དེ་ལས་མེད། །གླེགས་བམ་སྟོང་ཕྲག་མཇལ་ཡང་དེ་རང་ཡིན། །ད་ནི་གཡེང་བ་མ་མང་བསྒོམ་ལ་འབུང་། །ཐོས་བསམ་བསྒོམ་གསུམ་ལམ་གྱི་གཞུང་ཡིན་པས། །འདི་ལ་བརྩོན་དགོས་ཡེངས་པ་འདི་མ་ཡིན། །གཡེང་བ་ནོར་གསོག་ལུས་དལ་ལོང་གཏམ་མང་། །འདི་འདྲ་དོན་མེད་ངང་ལ་སྡོད་ཕོད་དམ། །འཁོར་བའི་གཡང་ས་ཆེན་པོམ་གཟིགས་སམ། །ད་རེས་དལ་བའི་ལུས་འདི་དོན་ཡོད་ མཛོད། །ཚེ་འདིར་སངས་རྒྱས་འགྲུབ་པའི་བཀྲ་ཤིས་ཞུ། །དེ་སྐད་མོན་ཡུལ་བུམ་ཐང་བླ་མ་ལ། མཆོག་གྱུར་གླིང་པས་སྙིང་གཏམ་སྨྲས་པ་དགེ །

/imager/images/22057/Chokgyur-Lingpa_712c4e757e7f11f90332598bd8911e79.jpg

Chokgyur Dechen Lingpa

Courtesy of Himalayan Art Resources

Title:

བུམ་ཐང་བླ་མ་ལ་གདམས་པ།

bum thang bla ma la gdams pa

Advice for Bumthang Lama

Author:

Chokgyur Dechen Zhikpo Lingpa

Description:

Chokgyur Lingpa gave this heart advice to his disciple Bumthang Lama.